paper & margin size - Dzogchen Monastery Tibet, Home of...

417

Transcript of paper & margin size - Dzogchen Monastery Tibet, Home of...

  •  

  •  

  • ༄༅།།ཡོངས་འཛིན་མཁན་ཆེན་འཇིགས་མེད་ ཡོན་ཏན་མགོན་པོའི་གསུང་འབུམ།།

     

  •  

  • སྔོན་ད་ུའགོྲ་བའི་གཏམ།

    དཔེ་སུྐྲན་གྱི་སོྔན་དུ་འགྲོ་བའི་གཏམ། འགྲོ་བ་མིའི་རིགས་གོམ་གང་མདུན་ཕྱོགས་སུ་སྤོས་པར་འདོད་པའི་དུས་རབས་ཏེ། ཡར་ཐོན་ནམ་ཡང་ན་རྗེས་ལུས། དར་རྒྱས་སམ་ཡང་ན་ཉམས་རྒུད། ཤེས་རབ་བམ་ཡང་ན་བླུན་རྟགས། གང་ལྟར་ཤོག་སྒོར་ལས་ཡོད་ཚད་ལ་རིན་ཐང་ཆུང་བའི་གནས་དུས་འདིར་གནའ་དཔེ་ཞིག་གི་ལྡེབ་གྲངས་ཚང་མིན་ལ་རེ་དོགས་དང་དགའ་སྡུག་གི་སེམས་ཚོར་མྱོང་བཞིན་པ་རང་ཉིད་ལས་ཐམས་ཅད་ལ་ལྐོག་ཏུ་གྱུར་པ་སྨོས་ཅི་དགོས། འོན་ཀྱང་དད་པ་དང་དུང་ཞེན་འདྲེས་པའི་ཀུན་སློང་གསོན་པོའི་མེ་རྩ་ཞིག་དེ་རིང་ཙམ་མིན་པར་ཆུང་དུས་ཐོས་བསམ་ལ་འཇུག་པ་ནས་སྙིང་ཁོང་དུ་གནས་ཀྱང་ཉམས་ཞན་པའི་རེ་བའི་ངོ་བོར་ཡུན་རིང་ལུས་པ་སྟེ། མཚན་དོན་དང་ལྡན་པ་སུ་ཞིག་གིས་ནམ་ཞིག་ན་དམ་པའི་གསུང་རབ་འདི་དག་འཚོལ་སྒྲིག་དར་སྤེལ་གྱི་མཛད་རྒྱུན་བསྐྱོངས་པར་ངེས་སྙམས་པའི་ཡིད་ཆེས་དང་རེ་བས་ལོ་ཟླའི་འཁོར་ལོ་དུ་མ་ཞིག་ཤུགས་ཀྱིས་འདས། ད་ལམ་མཐུན་པའི་རྐྱེན་ཅུང་ཟད་ཚོགས་པ་དང་བསྟུན་སྤྲོ་བ་ཆེན་པོས་རང་ཉིད་ཀྱི་ཁུར་དུ་ངང་གིས་བླང་སྟེ་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་དཔེ་ཚོགས་འདི་བཞིན་འཚོལ་སྡུད་དང་། དཔེ་བསྡུར། དག་ཞུས་ཀྱིས་འགྲེམ་སེྤལ་བྱུང་ན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་དར་སྤེལ་གྱི་བྱ་བའི་ཆ་ཤས་ཤིག་ལ་ཕྱར་བ་གྲུ་འདེགས་དང་། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་བརྒྱུད་ལྡན་བླ་མ་རྣམས་ཀྱི་གསུང་གི་ཕྲིན་ལས་ལ་སྲི་ཞུའི་མཆོད་པ་ཅུང་

  • སྔོན་ད་ུའགོྲ་བའི་གཏམ། 

    ཟད་འགྱུར་བའི་ལྷག་བློ་དང་བཅས་བགྱི་བ་འདི་བརྩོན་པས་སྒྲུབ་ན། རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཡེ་ཤེས་ཀྱི་མིག་དམ་པ་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། འགལ་འཛོལ་གྱིས་དམ་པའི་གསུང་ལ་བསླད་པ་སྲིད་ཚེ་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་ཞིང་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ནོར་བཅོས་དགོངས་འཆར་ལྷུག་སྩོལ་ཡོད་པའི་རེ་སྨོན་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སོྐྱར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རེྗས་དྲན་ཞུ་བ་དང་བཅས།།

    བསྟན་འཛིན་ལུང་རོྟགས་ཉི་མས་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུ ལྤ་ཅན་དུ། སིྤྱ་ལོ་༢༠༡༡ལོའི་ཟླ་བ་༣པའི་ཚེས་༨ཉིན་བྲིས།

     

  • དཔེ་སྐྲུན་གསལ་བཤད། 

    དཔེ་སྐྲུན་གསལ་བཤད། ༧ སྔ་འགྱུར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་ཉེར་བདུན་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་སྔ་ནས་ལྗགས་རྩོམ་མཛད་པའི་གསུང་ཐོར་བུའི་རིགས་ནི། གངས་ལྗོངས་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་པ་དང་། ཉེ་བའི་ལོ་ཤས་གོང་རེྗ་གང་གི་ཐུགས་སྲས་མཆོག་གཅིག་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཞལ་སྔ་ནས་ཆོས་ཚན་འགའ་ལ་མཚན་གསར་བཏགས་དང་དག་བཅོས་སོགས་བཀའ་བསྡུ་མཛད་དེ་ཐེངས་པོར་དེབ་གཟུགས་སུ་སྐྲུན་པ་དང་། ད་ལམ་དེ་ཉིད་གཞིར་བཞག་ཐོག་ཆོས་ཚན་རེ་ཟུང་གསར་རྙེད་བྱུང་བས་ཁ་སོྣན་དང་བཅས་སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་སུ་སྐྲུན་སྤེལ་བྱས་པ་ལགས་ན། སྔ་ཕྱིའི་བཀའ་བསྡུ་དག་བཅོས་སྒྲིག་སྦྱོར་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་མཁྱེན་ལྡན་པ་རྣམས་ནས་ཉེས་ཆ་ཡོད་རིགས་མཛུབ་སོྟན་ལྷུག་སོྩལ་ཡོད་པར་ཞུ་ཞེས།།

    བསྟན་འཛིན་ལུང་རོྟགས་ཉི་མས་ཙི་ནའི་གྲོང་ཁྱེར་ཁིྲན་ཏུར་སེྤལ་བར་དགེ།།

     

  •  

  • དཀར་ཆག

    དཀར་ཆག རྫོགས་ཆེན་མཁན་ཆེན་སྐྱབས་རེྗ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་རྣམ་ཐར་ མདོར་བསྡུས་དད་པའི་ས་བོན། ...................................... 1

    ཉམས་མགུར་གྱི་སོྐར་ཚོ།  ཨ་འཐས་འཛིན་ཞེན་གྲོལ་བའི་རོྟགས་སད་ ཉམས་ཀྱི་རྒྱང་གླུ།........................... 11

     རེ་དོགས་དབིྱངས་སུ་དག་པའི་གླུ་ཆུང་། ................................................. 12

     གང་ཤར་ཉམས་ཀྱི་ཐོལ་གླུ་འཁུྲལ་བ་གཞི་གྲོལ། ........................................ 14

     རོྟགས་པའི་འདྲ་འབག་སྙན་འགྱུར་དཔིྱད་ཀྱི་ རྒྱལ་མོའི་དབྱངས་སྙན། ................... 16

     གང་ཤར་གྱ་མ་གྱུའི་གསང་ཚིག ........................................................ 17

     འཁོར་འདས་རོ་མཉམ་དུ་ཤར་བའི་དོ་ཧ་ངོ་མཚར་ཉམས་ཀྱི་རྒྱང་གླུ། ..................... 19

     གསོལ་འདེབས་སྐྱིད་གླུའི་རྒྱང་འབོད། .................................................. 21

     གསང་ཆེན་ངེས་པའི་གནད་ཡིག་ཨ་ཐམ་རྒྱ་ཅན། ....................................... 21

     དུས་སྦྱོར་དག་པའི་རེྟན་འབེྲལ་ཡེ་དག་ཡེ་ཤེས་ཀྱི་འཁོར་ལོ། ............................. 23

     ཚོར་བ་བདེ་སྟོང་དུ་ཤར་བའི་བོགས་འབིྱན་གྱི་ ཐོལ་གླུ། .................................. 24

     བོླ་འདས་རྒྱ་ཡན་གྱི་ཐོལ་གླུ་རིག་པའི་ཁུ་བུྱག་གི་མགྲིན་སྒྲ། .............................. 25

     ན་ཚ་ལམ་ལོྷང་སྐུ་གསུམ་གསལ་འདེབས། ............................................. 26

     རོྟགས་གྲོལ་ཤུགས་འབུྱང་གི་དོ་ཧ། ..................................................... 28

     རིག་སྟོང་རང་ཞལ་མཇལ་བའི་རྡོ་རེྗའི་གླུ་དབྱངས། ...................................... 29

     བྱར་མེད་རོྟགས་པའི་སྐྱིད་གླུ། ........................................................... 30

     

  • དཀར་ཆག

    གཞི་གྲོལ་རིག་སྟོང་རེྗན་པའི་རང་གཤིས་ཡེ་བབས་བརྡ་ཡི་མེ་ལོང་། ..................... 32 

    སྤྲོས་བྲལ་དོ་ཧའི་རྒྱང་གླུ། ............................................................... 33 

    རེ་དོགས་འཛིན་པ་ཟད་པའི་སྣང་གླུ། ..................................................... 35 

    ལྟ་བ་ཁུྱང་ཆེན་གཤོག་རླབས། ........................................................... 36 

    རང་ཤར་རིག་པའི་བོྲ་གླུ། ................................................................ 38 

    ཤུགས་འབུྱང་རོྟགས་པའི་སྐྱིད་གླུ། ....................................................... 39 

    མི་འཇིགས་སེང་གེའི་སྒྲ་དབྱངས། ....................................................... 40 

    ལམ་ཁེྱར་རོྟགས་པའི་མྱོས་གླུ་མི་ཤིགས་རྡོ་རེྗའི་དོ་ཧ། .................................... 42 

    གཅེར་མཐོང་གནད་ཀྱི་མན་ངག་གསང་རྒྱ་ཅན། ......................................... 44 

    དམ་བཅའ་རོྡ་རྗེའི་མགུར་དབྱངས། ....................................................... 46 

    ཀློང་རོྡལ་རོྟགས་པའི་སྐྱིད་གླུ།............................................................ 48 

    གང་ཤར་རིག་པའི་རེྩད་འཇོ། ............................................................ 50 

    ཐབས་ཆེན་དཔའ་བོའི་བཞད་སྒྲ། ......................................................... 52 

    ཡེ་གྲོལ་རྡོ་རྗེའི་ཐོལ་གླུ། ................................................................. 53 

    ཕ་བླ་མའི་བཀའ་དྲིན་དྲན་པ་གསང་གཏམ་རྒྱ་གྲལོ་ཀློང་རོྡལ། ............................ 55 

    བྱར་མེད་སྨྱོན་པའི་རང་གཏམ། .......................................................... 57 

    ཀློང་གྲོལ་བྱར་མེད་རྒྱལ་པོའི་མཚར་གླུ། ................................................. 58 

    གང་ཤར་ལྷུག་པོར་བརྗོད་པ་བུྱང་རྒྱལ་ མགྲིན་པའི་རོལ་མཚོ། ........................... 60 

    སྐྱོ་སུན་ལམ་ཁེྱར་ཅིར་སྣང་ཡེ་ཤེས་འཁོར་ལོ། ........................................... 62 

    ཐོག་འགེལ་སྙེམས་ཐག་གཅོད་པའི་གཏམ་བདེ་ཆེན་རང་འབར། ......................... 62 

    ན་ཚ་ལམ་ལོྷང་རོ་སྙོམས་བདེ་ཀློང་རང་འཁིྱལ། .......................................... 64 

    ཕ་བླ་མའི་སྐུ་དྲིན་དྲན་པ་རྒྱང་འབོད་སྐྱིད་པའི་གླུ་ཆུང་། ................................... 65 

  • དཀར་ཆག

    སྨྱོན་པ་ལང་ཤོར་གྱི་གཏམ་ཆལ་མ་ཆོལ་གླུ། ............................................. 66 

    བོགས་འབིྱན་རིག་པའི་རང་སྒྲ། .......................................................... 69 

    ཞལ་གདམས་ཀྱི་སོྐར་ཚོ།  མདོ་སྔགས་ཀྱི་ལམ་ལ་རིམ་གྱིས་འཇུག་པར་གདམས་པ་དམ་པའི་ཞལ་ལུང་གསེར་གྱི་ཡང་ཞུན། ................................................................................ 70

     བསླབ་བྱ་བདེན་གཉིས་གནད་བསྡུས། ................................................... 75

     ལེགས་པར་འདོམས་པ་མཚུངས་མེད་བླ་མའི་ཞལ་ལུང་། ............................... 78

     གནས་ལུགས་དོན་གྱི་ངོ་སྤྲོད་ཟངུ་འཇུག་ལམ་གྱི་གཞུང་ཤིང་། .......................... 85

     སེམས་རིག་ཤན་འབེྱད་ནོར་བུ་ཆུ་དྭངས། ................................................ 89

     བོླ་གསལ་ཀུན་ཏུ་དགའ་བའི་གཏམ་སྨྲ་བའི་བཅུད་ལེན། ................................. 90

     རྫོགས་ཆེན་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་བསྟན་པ་མཁའ་དབིྱངས་ཟང་ཐལ། ............ 96

     གནས་ལུགས་འོད་གསལ་སྙིང་པོ། ..................................................... 99

     སྤྱོད་ཡུལ་ལམ་ཁེྱར་གནད་བརྒྱ་གཅིག་འདུས། ........................................ 100

     ལེགས་ཉེས་འབེྱད་པའི་ཨ་དཱར་ཤ། .................................................... 102

     གདམས་པ་རང་གྲོལ་ཟང་ཐལ། ....................................................... 103

     གདམས་ངག་གནད་ཀྱི་མིག་ཐུར། ..................................................... 103

     ཞལ་གདམས་ཐོག་མཐའ་བར་དགེ། ................................................... 104

     གདམས་པ་ཉམས་མཚར་གསང་གཏམ། ............................................. 105

     དམ་ཚིག་གི་དཀའ་གནད་ངེས་དོན་འབུྲག་སྒྲ། ......................................... 106

     རིག་པ་ངོ་སྤྲོད་གཅེར་མཐོང་ཟང་ཐལ། ................................................. 107

     ཞལ་གདམས་གནད་ཀྱི་སྒྲོན་མེ་ཐར་པའི་ལམ་སྟོན། ................................... 107

     

  • དཀར་ཆག

    བསླབ་བྱ་ནགས་ཀྱི་ན་ཆུང་གི་གླུ་དབྱངས། ............................................. 109 

    སྤྲིངས་ཡིག་བླང་དོར་གསལ་བའི་མེ་ལོང་། ............................................ 112 

    ཞེན་འཛིན་འཕྲང་སྒྲོལ་གནད་ཀྱི་གདམས་པ། .......................................... 113 

    ཞལ་གདམས་གནད་ཀྱི་མེ་བཙའ། ..................................................... 115 

    དྲིས་ལན་དྲང་པོར་བརྗོད་པའི་གཏམ་དམ་པའི་ཞལ་ལུང་། ............................. 115 

    ལྟ་སྒོམ་སྤྱོད་པའི་ལམ་གནད་ཀུན་བཟང་ཐུགས་ཀྱི་ཏི་ལ་ཀ ............................ 118 

    གདམས་ངག་འཁུྲལ་རོྟག་རང་གྲོལ། .................................................. 120 

    རོྟགས་བརྗོད་སྤྲིན་གྱི་ཟློས་གར། ....................................................... 121 

    ཞལ་གདམས་གནད་ཀྱི་ཐུར་མ། ....................................................... 122 

    འབེལ་གཏམ་བདུད་རིྩའི་ཟེགས་མ། ................................................... 123 

    གདམས་ངག་རྐང་བཞི་མ། ............................................................ 125 

    སྙིང་གཏམ་སེམས་ཀྱི་སྐྱོ་གྲོགས། ..................................................... 125 

    ཀ་རོྩམ་ཟླ་བའི་ཞུན་ཐིགས། ............................................................ 128 

    ངོ་མཚར་རྡོ་རྗེའི་དོ་ཧ། ................................................................. 130 

    དམ་པ་མཆོག་ལ་གཏམ་དུ་གསོལ་བ་གཞན་ཕན་སྤྲིན་གྱི་རྔ་སྒྲ། ........................ 131 

    དབུ་མའི་གཞུང་ལ་བསླབ་པར་གདམས་པ་ལྟ་གུྲབ་ངེས་འབེྱད། ........................ 135 

    བོླ་སྦྱོང་ཡིད་ཀྱི་མུན་སེལ། ............................................................. 137 

    རིག་སྟོང་རེྗན་པའི་རང་གནད་སྟནོ་པ་དིྲ་མེད་ཤེལ་དཀར་མེ་ལོང་། ..................... 139 

    མཆིད་ལན་ཐེ་ཚོམ་སྒྲོག་འགྲོལ། ...................................................... 142 

    འཕྲང་སྒྲོལ་ཟླ་བའི་སྒྲོན་མེ། ............................................................ 145 

    འདི་ཕིྱ་བར་དོའི་ལམ་ཁེྱར་དམ་པའི་ཞལ་ལུང་། ........................................ 146 

    རོྩལ་མེད་ཡེ་རྫོགས་ཀྱི་གདམས་ཕྲན་ཡིད་དཔོྱད་འཕྲང་སྒྲོལ། .......................... 149 

  • དཀར་ཆག

    བོླ་གསལ་གཞོན་ནུ་ལ་སྤྲིངས་པའི་གཏམ་དཔིྱད་ཀྱི་ཀོ་ཧུའི་དབྱངས་སྙན། .............. 150 

    བིྱན་རླབས་ལམ་ཁེྱར་སྙིང་པོའི་ཡང་བཅུད། ........................................... 153 

    ཆོས་འདུལ་རིན་པོ་ཆེ་ལ་འཇུག་པའི་གཏམ་ཞི་བསིལ་བདུད་རིྩའི་གྲུ་ཆར། .............. 154 

    གནད་གསུམ་གདམས་པ་སྙིང་གི་ཡང་ཞུན། .......................................... 158 

    ཐོས་བསམ་སྒོམ་གསུམ་ལ་གཞོལ་བར་གདམས་པ་བདེན་གཏམ་སྤྲིན་སྒྲའི་སྙན་དབྱངས། ................................................................................... 160

     ཞལ་གདམས་གོ་བདེ་ངེས་ལེགས་སྒྲོན་མེ། ............................................ 163

     གདམས་ངག་ང་ོམཚར་མཆོད་སྤྲིན། .................................................. 164

     ཟབ་མོ་ལྟ་ཁིྲད་གཅེར་མཐོང་རང་གྲོལ། ................................................ 171

     ཐོག་མཐའ་བར་གསུམ་གྱི་བསླབ་བྱ་ཐར་ལམ་གསལ་བའི་སྒྲོན་མེ། .................... 173

     གྲུབ་དབང་དུྲག་པ་འཇིགས་བྲལ་བྱང་ཆུབ་རྡོ་རེྗའི་ཐུགས་དམ་བརྒྱུད་བསྐུལ་མྱུར་འབོྱན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན། ................................. 176

     ཞལ་ཆེམས་བརྡ་ལུང་མི་འགྱུར་གསང་བའི་རྒྱ་ཅན། ................................... 178

     རོ་སྙོམས་བརུྟལ་ཞུགས་ཀྱི་གདམས་པ་རེ་དོགས་ཚར་གཅོད། .......................... 178

     འོད་གསལ་ཐོད་རྒལ་གྱི་ལམ་ཁེྲགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་ཚུལ་ཟིན་བིྲས་འོད་གསལ་ཉི་ཟླ། ................................................................. 179

     མཉམ་ཉིད་རྡོ་རྗེའི་ཚིག་བཅུ། ........................................................... 182

     འཁོར་གྱི་སྣང་ཚུལ་སྟོན་པའི་མཚར་གཏམ་མེ་ལོང་གསར་པ། ......................... 182

     ཡིན་གསུམ་གྲུབ་བཞི་མ། ............................................................. 183

     ཕྱག་འཚལ་ཞིག་གི་འགྲེལ་བ་ཐོར་བུ། ................................................. 184

     སྨོན་ལམ་ནམ་ཞིག་དཔལ་རི་མ། ...................................................... 184

     

  • དཀར་ཆག

    བསོྟད་ཚོགས་ཀྱི་སོྐར་ཚོ།  ཕོྱགས་བཅུའི་སངས་རྒྱས་ལ་བསྔགས་པ་སྤྲིན་གྱི་རྔ་སྒྲ། ................................ 186

     བདེ་བར་གཤེགས་པ་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྷའི་རོལ་མོ། .......................... 188

     བདེ་བར་གཤེགས་པ་བརྒྱད་ལ་བསྟོད་པ་ཚངས་པའི་དབྱངས་སྙན། .................... 194

     རང་བུྱང་པདྨ་རྒྱལ་པོའི་མཛད་པའི་ཆ་ཤས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཕེྲང་བ། .. 199

     དཔལ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་ལ་བསྟོད་པ་སྙན་ཚིག་ཡིད་འཕོྲག་པདྨ་དཀར་པོའི་ཆུན་པོ། ............................................................................ 201

     རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་དབིྱངས་ཕུྱག་བདེ་ཆེན་མཚོ་རྒྱལ་མ་ལ་བསྟོད་པ་དཔིྱད་ཀྱི་དཔལ་མོའི་གླུ་དབྱངས། ........................................................ 204

     འཕགས་པ་འཇམ་དཔལ་ལ་བསྟོད་པ་བཻཌཱུརྱའི་ཆུན་པོ། ................................ 206

     རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་། ...................... 208

     ཀུན་མཁེྱན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཡིད་འཕོྲག་པདྨ་དཀར་པོའི་ཕེྲང་བ། ........... 210

     ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨོ་རྒྱན་འཇིགས་བྲལ་ཆོས་ཀྱི་དབང་པོ་ལ་བསྟོད་བསྔགས་གཞན་གསོས་དགའ་བའི་དབྱངས་སྙན། ................................. 219

     དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལ་བསྔགས་པ་དད་པའི་མུྱ་གུ། ............. 223

     རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་སུམ་ལྡན་གྱི་རྡོ་རེྗ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་གཞན་ཕན་སྣང་བ་ལ་བསྔགས་པ་ཡོན་ཏན་རྒྱ་མཚོའི་སྤྲིན་ཀུན་ཏུ་བཀོད་པའི་རོལ་མོ། ........................................................................... 226

     ཆོས་ཀྱི་རྗེ་ཆོས་ཀྱི་དབང་ཕུྱག་ཆོས་ཀྱི་རྒྱལ་པོ་མཚུངས་པ་མེད་པ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་དཔལ་མགོན་བླ་མ་དམ་པ་གཞན་ཕན་ཆོས་ཀྱི་སྣང་བ་ལ་བསྟོད་པ་ ཡིད་འཕོྲག་པདྨ་དཀར་པོའི་ཆུན་པོ། ..................................................... 237

     

  • དཀར་ཆག

    མཁན་སློབ་ཆོས་གསུམ་ལ་བསྟོད་པ་དད་པའི་མེ་ཏོག ................................. 243 

    དབེན་པའི་ཡོན་ཏན་ལ་བསྔགས་པ་ལྷའི་རོལ་མོ། ...................................... 244 

    འདོན་ཆོག་གི་སོྐར་ཚོ།  བླ་མའི་རྣལ་འབོྱར་བིྱན་རླབས་སྤྲིན་ཕུང་། .............................................. 249

     བླ་མའི་རྣལ་འབོྱར་ཡེ་ཤེས་མཆོག་གཏེར། ............................................. 252

     བླ་མའི་རྣལ་འབོྱར་བདེ་སྟོང་ལམ་གྱི་བོགས་འབིྱན། .................................... 256

     བླ་མའི་རྣལ་འབོྱར་དང་འབེྲལ་བའི་ཚོགས་མཆོད་བསྡུས་པ་དཔལ་གྱི་བུམ་བཟང་། ..... 259

     ཡང་ཟབ་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བཅུད་ལེན། .......................................... 261

     ཚེ་ཕུར་བསྒྲགས་མའི་རྣལ་འབོྱར་ཟབ་མོ། .............................................. 264

     དཔལ་ཆེན་རྡོ་རྗེ་སིྲན་པོའི་སྤྲོས་མེད་རྒྱུན་གྱི་རྣལ་འབོྱར། ............................... 265

     ཡང་གསང་འཛིན་པ་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་བིྱན་རླབས་ཆར་འབེབས།

    ................................................................................... 267 

    གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབེྲལ་བའི་མཆོད་ཆོག་ཡིད་བཞིན་དབང་རྒྱལ། ................................................................................... 270

     གུ་རུའི་གསོལ་འདེབས་དངོས་གྲུབ་ཆར་འབེབ། ....................................... 300

     གུ་རུའི་གསོལ་འདེབས་ཐུགས་རེྗའི་གློག་ཞགས། ...................................... 301

     གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ། .......................................... 303

     ཀུན་མཁེྱན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་གསོལ་བ་འདེབས་པ་བིྱན་རླབས་ཆར་འབེབས།

    ................................................................................... 304 

    གུ་དྲག་དམག་བཟོླག་བདུད་འགོང་ཚར་གཅོད།........................................ 306 

    སྔགས་སུྲང་མའི་འཕིྲན་བཅོལ་རུླང་ནག་འཚུབས་མ། .................................. 307 

  • དཀར་ཆག

    སྨོན་ལམ་མཁའ་སྤྱོད་མ། ............................................................. 308 

    སྨོན་ལམ་གཞན་ཕན་ནོར་བུ། .......................................................... 309 

    བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་གྲིབ་བསིལ། .................................. 310 

    བཀྲ་ཤིས་མ་ཆགས་སྐྱོན་བྲལ། ........................................................ 313 

    རྒྱུད་འགྲེལ་གྱི་སོྐར།  འཇམ་དཔལ་སྒྱུ་འཕུྲལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།

    ................................................................................... 314 

    ཞལ་བཀོད་ཀྱི་སོྐར།  ཆོ་འཕུྲལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ། ................. 385

     

  • ༄༅།།ཡོངས་འཛིན་མཁན་ཆེན་འཇིགས་མེད་ ཡོན་ཏན་མགོན་པོའི་གསུང་འབུམ།།

     

  •  

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    1

    ༄༅།།རྫོགས་ཆེན་མཁན་ཆེན་སྐྱབས་རེྗ་ཡོངས་འཛིན་རིན་པོ་ཆེ་

    འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་རྣམ་ཐར་ མདོར་བསྡསུ་དད་པའི་ས་བོན།།

    པན་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲ་དང་། ལྕེ་བཙུན་སེངྒེའི་དབང་ཕྱུག རྒྱལ་བ་ཀློང་ཆེན་རབ་འབྱམས། ཀུན་མཁྱེན་འཇིགས་བྲལ་གླིང་པ་བཅས་ཀྱི་ཐུགས་གསང་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ཏེ་སྙིགས་དུས་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ། ཁྱབ་བདག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་གང་། བསྐལ་མང་སྔོན་ནས་སྤངས་རྟོགས་མཐར་ཕྱིན་རྫོགས་པའི་བྱང་ཆུབ་བརྙེས་ཟིན་ཀྱང་། སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པས་བདག་ཅག་གདུལ་བྱའི་སྣང་ངོར་མི་ཡི་ཤ་ཚུགས་སུ་སྤྲུལ་པའི་སྒྱུ་འཕྲུལ་ཇི་ལྟར་བསྟན་པ་ནི། ཡུལ་གངས་ལྡན་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ཆོས་ལྡན་ཞིང་གི་ཤར་ལྷོ། གནས་གངས་ར་ཉེར་ལྔས་ཁྱད་པར་དུ་བྱས་པའི་རུ་དམ་གངས་ཀྱི་ར་བའི་ལྗོངས་སུ། ཡབ་ཟབ་མོ་ཞི་གཅོད་ཀྱི་རྣལ་འབྱོར་པ་ཆེན་པོ་སྐྱ་མོ་སྨན་ལྷ་དང་། ཡུམ་ཞིང་སྐྱེས་ཀྱི་ཌཱཀྐི་མ་བཅུ་དཔོན་བུ་མོ་ཡང་ཆུང་ལྷ་མོ་གཉིས་ཀྱི་སྲས་སུ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་གསུམ་བྱོན་པའི་བར་བ་སྟེ། རབ་རྒྱལ་ས་ཕག་ལོར་ཡ་མཚན་པའི་ལྟས་དང་བཅས་ཏེ་སྐུ་བལྟམས། བྱིས་པ་ཉིད་ནས་སིྙང་རེྗ་དང་ཤེས་རབ་ཆེ་ཞིང་མཐོང་ན་མི་མཐུན་པ་མེད་པའི་དམ་པའི་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    2

    རང་གཤིས་ཙན་དན་དང་དེའི་དྲི་བསུང་བཞིན་ལྷན་སྐྱེས་སུ་མངའ། སྐྱེས་ཐོབ་མཁྱེན་རབ་ཀྱི་རྩལ་ཁ་ནང་ནས་རྒྱས་པས་ཡིག་རྩིས་བརྡ་དག་སོགས་ཚེགས་མེད་པར་མཁྱེན། གཞོན་ནུའི་དུས་འགོ་ནས་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གཙུག་ཕུད་ཕུལ་ཏེ་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སར་གྲྭ་ཞུགས་མཛད་ཅིང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བྱང་ཆུབ། མི་རིང་བར་རྒྱ་ཀོང་གཞན་དགའ་རིན་པོ་ཆེའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཅིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསུྒྲབས་ནས། མི་ལོ་ཉི་ཤུ་ལྷག་རིང་བླ་སོླབ་འབྲལ་མེད་དུ་བཞུགས་ཏེ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། ཟབ་མོ་ནང་རྒྱུད་སྡེ་གསུམ། ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན། ཐུན་མིན་མན་ངག་སྡེའི་པན་ཆེན་བི་མ་མི་ཏྲ་དང་སོླབ་དཔོན་པདྨ་ཀཱ་རའི་བཀའ་སྲོལ་སྙིང་ཐིག་མ་བུའི་དགོངས་དོན་མན་ངག་སྙན་བརྒྱུད་དམར་ཁིྲད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ནོད་པར་མཛད། ཕྱི་སོ་ཐར་གྱི་འདུལ་ཁྲིམས་ཉེས་ལྟུང་ཕྲ་བ་ཙམ་གྱིས་གོས་མ་མྱོང་བ་འདུལ་འཛིན་ཉེ་བ་འཁོར་ལྟ་བུ་དང་། ནང་བྱང་སེམས་ཀྱི་བསླབ་པ་ཕྱིན་དྲུག་གི་སྤྱོད་པ་ལས་མི་འདའ་ཞིང་འགྲོ་བ་ཡོངས་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་རྒྱལ་སྲས་ཞི་བ་ལྷ་ལྟ་བུ། གསང་བ་སྔགས་ཀྱི་ལྟ་དགོངས་མཁའ་ལྟར་ཟབ་ཅིང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཐུན་མིན་མན་ངག་གི་གཏད་རྒྱ་ཆིག་བརྒྱུད་དུ་བསྩལ་ཅིང་བསྟན་པ་གཏད་པའི་ཐུགས་སྲས་ཀྱི་བུ་ཆེན་གཅིག་པུར་གྱུར་པ་གསང་འཛིན་དགའ་རབ་དཔའ་བོ་ལྟ་བུ་སྟེ། རིགས་བདག་གཞན་ཕན་ཆོས་ཀྱི་སྣང་བའི་དོན་བརྒྱུད་དགོངས་པའི་བྱིན་རླབས་གཅིག་ཆར་འཕོས་པས། ཕྱི་ཆོས་ཅན་འཁྲུལ་བའི་སྣང་བ་བདེན་མེད་སྒྱུ་མ་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    3

    ལྟ་བུར་གཟིགས་ཤིང་། ནང་ཆོས་ཉིད་བསམ་བརྗོད་དང་བྲལ་བ་ཡུལ་མེད་ནམ་མཁའ་ལྟ་བུར་རྟོགས་ཏེ། གསང་བ་རིག་པའི་ངོ་བོ་སྟོང་གསལ་འགགས་མེད་ཀྱི་རིག་ཆ་རེྗན་པའི་ངང་དུ་ཀློད་པས། མཐའ་དང་བྲལ་བའི་ལྟ་བ། གཉེན་པོས་མ་བཅིངས་པའི་སྒོམ་པ། གང་ཤར་རང་གྲོལ་དུ་གཏོང་བའི་སྤྱོད་པ། རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུའི་སྣང་བ་ཐམས་ཅད་དགག་སྒྲུབ་བླང་དོར་གྱི་རྟོག་པས་མ་བསླད་པར་གང་ཤར་གྱི་རང་ངོ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་དུ་བསྐྱངས་པས། ཡེ་གྲོལ་ལ་ཡོངས་གྲོལ་གྱི་གདེང་ཐོབ་ནས་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་མཁའ་ལ་སིྤྲན་དེངས་པ་ལྟར་སངས་ཤིང་འཁོར་བའི་ས་བོན་ཟད་དེ་ཉོན་མོངས་རང་སར་གྲོལ། སྤྱན་དང་མངོན་ཤེས་སོགས་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་དབང་འབྱོར། ཅོག་བཞག་བཞི་དང་མི་གཡོ་གསུམ་ལྡན་གྱི་སོྒམ་པས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་ཞིང་མཉམ་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་རྒྱུན་བསྐྱངས་ཏེ། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་པས་སྐུ་གསུམ་ལམ་སྣང་དུ་བྱེད་པའི་ལྷུན་གྲུབ་སྣང་བཞིའི་རྩལ་འབྱོངས། ས་ལམ་ཆིག་ཆོད་དུ་རྫོགས། ཆོས་ཟད་གདོད་མའི་རྒྱལ་ས་གྲུབ་པའི་ས་མཐོར་གཤེགས་པ་རྗེ་ཉིད་ཀྱི་གསུང་མགུར་ལས། སྔོན་ཆད་ལས་ལ་འབད་ཀྱང་འབད། མཆོག་ཐུན་འབྲས་བུ་ཐོབ་ཏུ་རེ། ད་ལྟ་མ་སྒྲུབ་རང་ལས་རྙེད། བྱ་རྩོལ་ཆོས་ལ་ལྟོས་མ་དགོས། ཞེས་དང་། གཞི་དབྱིངས་སྤྲོས་པ་བྲལ་བ་འོད་གསལ་གྱི་ཁང་བཟང་། གཞི་སྣང་རིག་པའི་ཐིག་ལེ་ཨོ་རྒྱན་གྱི་རྒྱལ་ཚབ། རང་གྲོལ་རྟོག་པའི་འདུ་འཕྲོ་རིག་འཛིན་གྱི་ཚོམ་བུ། མ་བཅོས་ལྷུན་གྱིས་གྲུབ་པའི་ངོ་མཚར་འདིའི་དགའ་བ། ཚོགས་དྲུག་ཕྱལ་བའི་ཡེ་ཤེས་དགག་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    4

    སུྒྲབ་ནི་མ་དམིགས། ཡུལ་དྲུག་ཆོས་ཉིད་ཟང་མ་སྤང་བླང་ལས་འདས་པ། བློ་བྲལ་མཉམ་ཉིད་ཆེན་པོའི་རང་གཤིས་སུ་སུྐྱར་དང་། ལྟ་སྒོམ་བཅོས་མའི་རེ་དོགས་དགོས་ཚོད་ནི་མི་གདའ། ངེད་ཅག་ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་འདི་ཨེ་དགོངས། ཞེས་དང་། ང་རང་ཐོག་མའི་རྒྱལ་བ་དང་། སྐལ་བ་མཉམ་ཞེས་ཁོ་བོས་རྟོགས། སངས་རྒྱས་ཡོན་ཏན་མགོན་པོ་ཞེས། ཕྱོགས་བཅུ་ཀུན་ན་རབ་ཏུ་གྲགས། ཞེས་མི་འཇིགས་སེངྒེའི་སྒྲ་ཆེན་པོ་བསྙེང་བ་མེད་པར་སྒྲོག་ཅིང་། རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་རྡོལ་གང་སྣང་བརྡ་དང་དཔེ་ཆར་ཤར་བས་མགྲིན་པ་རྡོ་རྗེའི་གསང་མཛོད་ནས་སྤྲོས་བྲལ་དོ་ཧའི་རྒྱང་གླུ་འགགས་མེད་དུ་སྒྲོག དེ་ལྟ་བུའི་བདག་ཉིད་ཆེན་པོ་གང་ཉིད་སྐུ་གཞོན་ནུའི་དུས་ནས་དགུང་གྲངས་བཞི་བཅུའི་ནང་ལ་ཕེབས་པའི་བར་དུ་སྟེ། རྗེ་གཞན་ཕན་ཆོས་ཀྱི་སྣང་བ་དགོངས་པ་ཆོས་དབྱིངས་སུ་གཞོལ་ནས་སྐུ་ཚེ་དེའི་ཐ་མའི་མཛད་པ་མཇུག་མ་བསུྡས་ཀྱི་བར་གཟུགས་དང་གྲིབ་མ་བཞིན་འགྲོགས་པའི་མཐར། རྒྱ་བོ་རི་ཁྲོད་དུ་བླ་མའི་གདན་ས་རང་དུ་སྐུ་ཚེ་སྒྲུབ་ལ་གཞོལ་བའི་དགོངས་འདུན་གནང་ཡང་། གྲུབ་དབང་རྫོགས་ཆེན་པའི་གདན་ས་ཨ་མའི་མཁན་ཆེན་ཁྲི་པར་མངའ་གསོལ་གྱི་ནན་བསྐུལ་ཐུགས་བློས་མ་བཏང་བར། གསང་གསུམ་མཚན་དཔེའི་ཉིན་བྱེད་སྔ་འགྱུར་ཆོས་འཁོར་ཆེན་པོའི་ཤར་རིའི་ཕྲག་པར་ཤར་བས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་རྒྱས་ཆོས་ཀྱི་འོད་སྟོང་གིས་འདུས་པ་དང་པོའི་སྐལ་ལྡན་སློབ་མའི་ཚོགས་ཀྱི་བློ་ཡི་པདྨོ་ཅིར་ཡང་བཞད་པའི་གཉེན་དུ་གྱུར་པ་ནས། རྫོགས་ཆེན་ཡིད་བཞིན་ནོར་བུ་སུྐ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུའི་ཡོངས་འཛིན་ཆེན་མོར་བཀུར་ཏེ་དགུང་གྲངས་དྲུག་ཅུར་ཕེབས་པ་ས་ཕོ་ཁྱི་ཡི་ལོ་སྟེ། སྤྱི་ལོ

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    5

    ༡༩༥༩ ལོའི་བར་དུ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ལྟེ་བ་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཡང་སྟེང་གཟིམས་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཟིམས་ཁང་གཅིག་ལ་རྣམ་གཉིས་ལྷན་དུ་བཞུགས། ངོས་ཀྱང་ལོ་ངོ་བཅུ་ནས་བཅུ་དྲུག་གི་བར་དུ་ཉིན་མཚན་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་གཟིམས་ཤག་གཅིག་ཏུ་རྣམ་གཉིས་ཀྱི་སྐུ་འཁྲིས་སུ་ཐུགས་བརྩེ་ཆེན་པོའི་དགྱེས་སྐྱོང་དང་བཅས་ཞབས་པད་བསེྙན་རྒྱུའི་སྐལ་བ་བཟང་པོ་བྱུང་ཞིང་། ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན། ཀློང་ཆེན་མཛོད་བདུན། སྙིང་ཐིག་གོང་འོག་ཆ་ལག་དང་བཅས་པ་སོགས་ཀྱི་དབང་ཁྲིད་གདམས་པ་གནད་བྱང་དང་བཅས་པ་ཆིག་བརྒྱུད་ཀྱི་ཚུལ་དུ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཉམ་དུ་ནོད་རྒྱུའི་གོ་སྐབས་ཐོབ། དེ་ལྟ་བུའི་རྣམ་གཉིས་ཀྱི་སྐུ་དྲིན་དང་ཞལ་ཆེམས་གཙོར་བཟུང་གིས་ད་ལྟའི་བར་གང་གི་བསྟན་པའི་མེ་རོ་སློང་བའི་བྱ་བཞག་སྤྱི་དང་། ཁྱད་པར་བརྒྱུད་པ་བཟང་པོའི་མན་ངག་ཡལ་བར་དོར་དུ་མ་བཟོད་ནས་འཆད་ཁྲིད་ཀྱི་ཆོས་བརྒྱུད་འཛིན་ཁུལ་ཏེ། དམ་པ་འདི་ཉིད་ཀྱི་སྐུ་འཁྲིས་སུ་ཇི་ཙམ་ཡུན་རིང་གཤིབས་ཀྱང་སྐྱོན་གྱི་ཆ་ཕྲ་མོ་ཙམ་མཐོང་བ་སུ་ཡང་མི་སྲིད། ཁོ་བོ་མཉམ་བཅར་གྱི་མི་ལོ་དྲུག་རིང་ཉིན་མཚན་ཀུན་ཏུ་གཟིམས་ཁྲི་གྲུ་བཞི་མ་ཞིག་གི་ནང་དུ་མཉམ་བཞག་གིས་བཞུགས་པ་ལས། འཕྲས་བསྙེས་མཛད་པ་ཙམ་མཇལ་མ་མྱོང་། ཞལ་མདངས་རྒྱས་ཤིང་གཞོན་ཤ་ཆགས་པ་བགྲེས་ཉམས་མེད་ཅིང་གཟི་མདངས་འོད་དང་ལྡན་པ། ཚེམས་དཀར་དུང་ཕྲེང་བསྒྲིགས་པ་ལྟ་བུ་དང་ཞལ་ཚོམ་གནག་སྣུམ་གྱིས་མཛེས་པ། སྐུ་བོང་ཆེ་ཆུང་འཚམ་ཞིང་ལྷུན་ཆགས་པ་ཞིག་ཡོད། གསུང་གདངས་འབྲུག་སྒྲ་ལྟར་སྦོམ་ལ་སྙན་པ་ཐོས་ན་དགའ་བ་སྐྱེད་པ་ཀུན་གྱིས་དཔེ་རུ་འཛིན། སྐུ་ལས་ཚུལ་ཁྲིམས་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    6

    ཀྱི་དྲི་བཟང་སྨྲ་མི་ཤེས་པ་རྒྱུན་དུ་འཐུལ་ཞིང་ན་བཟའ་དད་རྟེན་དུ་ཐོབ་པ་དག་ལའང་དྲི་ཞིམ་པོ་དེས་བགོས་པས་ཐམས་ཅད་ཀྱིས་རྣམ་ཀུན་སྣོམ་པར་བྱེད། རྒྱུན་དུ་ཞལ་བརྡ་ཅི་ཞིག་གནང་ཡང་དམ་པའི་ལྷ་ཆོས་དང་འབྲེལ་བ། འཇིག་རྟེན་མི་ཆོས་དང་མཐུན་ཞིང་། ཕུགས་གདམས་ངག་འབའ་ཞིག་ཏུ་འབབ་པ། ཉམས་མཚར་ཞིང་རྣ་ལ་སྙན་པ། ཡང་ནས་ཡང་དུ་ཉན་སྤྲོ་ཞིང་སུན་པ་མེད་པ་ཚངས་པའི་དབྱངས་ཀྱི་ཡན་ལག་གི་ངེས་པ་ཅན་ཞིག་སྟེ། སྤྱོད་ལམ་དལ་ཞིང་སྐུ་ལུས་དང་ན་བཟའ་གཙང་ཤ་དོད་པ། ཟིལ་ཆེ་ལ་མཇལ་སྤྲོ་ཞིང་མི་བསྲུན་བརླང་པོར་སྤྱོད་པའི་གདུག་སེམས་ཅན་སུ་ཞིག་གིས་མཇལ་ཡང་འཕྲལ་དུ་དད་པའི་སྤུ་ལོང་གཡོ་ཞིང་དགའ་འཛུམ་དབང་མེད་དུ་མི་ཤོར་མི་སིྲད། རྒྱུ་ནོར་ལ་ཞེན་འཛིན་གཏན་ནས་མེད་ཅིང་སྤྲིན་ལྟར་འདུ་བའི་དད་འབུལ་གྱི་དངོས་རྫས་ཐམས་ཅད་མཆོད་སྦྱིན་དང་ཚོགས་འཁོར་གྱི་རྟེན་རྩར་འཕྲལ་བཏང་གནང་བ་དང་། གྱ་ནོམ་པའི་དངོས་པོ་རིན་ཐང་ཅན་ཇི་ལྟ་བུ་ཞིག་ཕུལ་ཀྱང་དེ་འཕྲལ་མདུན་དུ་སུ་བྱུང་ལ་བསྩལ་གནང་བ་ལས་སྲེད་ཞེན་དང་གསོག་འཇོག་ཐུགས་ལ་མི་མངའ་བས་གསེར་དང་བོང་བ་མཉམ་པའི་འཕགས་པ་ཞེས་པ་དེ་འདི་ཉིད་དངོས་ཡིན་པའི་ངེས་ཤེས་སྐྱེ་ཐུབ་པ་དང་རང་ཤ་སྟེར་ལའང་ཇི་མི་སྙམ་པ་ལྟ་བུ་ཞིག་ཡོད། འཚོ་མཁོ་ལྷག་པའི་ཡོ་བྱད་ཙམ་ལས་ཕྱག་རྫས་འཕར་མ་མི་ཉར། ཉིན་རེ་བཞིན་ནམ་གྱི་ཆ་སྨད་ཀྱི་ཐུན་མཚམས་ཐོ་རེངས་ལ་སྐུ་དངོས་ཀྱིས་ཕྱག་དར་ནས་མཆོད་ཡོན་དང་མར་མེ་མཎྜལ་འབུལ་བ་སོགས་ཉིན་གཅིག་ལྟར་མཛད་ཅིང་། ཟླ་བ་ཡར་མར་གྱི་ཚེས་བཅུ་དང་སོ་བྱང་སྔགས་ཀྱི་གསོ་སྦྱོང་སྟར་ཆགས་སུ་གནང་། སྐུ་མཚམས་བཅད་རྒྱ་མང་ཆེ་བ་སྨྲ་བཅད་དུ་བཞུགས། སྐུ་མཚམས་དམ་མཚམས་སུ་བཞུགས་པའི་དུས་སུ་མ་གཏོགས་ཐུན་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    7

    གསེང་རྣམས་སུ་བཀའ་ཆོས་བསྩལ་བ་རྒྱུན་མི་ཆད། ཕྱོགས་ཀྱི་སློབ་ཚོགས་ཀུན་གདམས་ཁྲིད་དང་མན་ངག་གིས་ཚིམ་པར་མཛད་ཅིང་འགྲོ་ཁར་འབྲལ་མི་ཕོད་པར་མིག་ནས་མཆི་མ་བཀུ་བཞིན་གྱེས་ཕྱག་འབུལ་མཁན་ཤ་སྟག་འབྱུང་། དཔལ་གྱི་ཙ་རི་ཏྲའི་དམར་ནག་རཀྟའི་མཚོ་འགྲམ་དང་། གཞོ་སྟོད་ཏིལ་སྒྲོ། ཡར་ཀླུང་ཤེལ་གྱི་བྲག་ཕུག་སོགས་ནས་ཉམས་འུར་བའི་མགུར་དབྱངས་ངོ་མཚར་ཅན་མང་པོ་ཐོལ་བྱུང་དུ་གསུངས་ཤིང་། སྣང་སེམས་རོ་གཅིག་འདྲེས་པའི་གྲུབ་རྟགས་གསང་བའི་རྣམ་ཐར་གྱི་ཁོངས་སུ་གཏོགས་པ་མང་པོ་མངོན་སུམ་མཇལ། བཀའ་སྲུང་མ་གཟའ་རྡོར་གསུམ་དང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་རྟག་ཏུ་འགོ་ཞིང་མི་དང་མི་ལབ་པ་བཞིན་བཀའ་ཉན་བྲན་དུ་འཁོལ་བ་རྒྱུན་མཐོང་ཡིན། གསུང་རྩོམ་ཐམས་ཅད་ཀློང་རྡོལ་རང་བབ་ལས་ཉིས་འབྲི་དང་བཅོས་སྣོག་དཔྱད་གཞིར་གཟིགས་པ་སོགས་གཏན་ནས་མི་མངའ། ཕྱག་བྲིས་བྲིས་གཟུགས་ལེགས་ཤིང་དག་མགྱོགས་སྐྱེན་གསུམ་འཛོམས་པ་མ་ཟད་སྒྲ་སྙན་བརྡ་དག་སོགས་མི་མཁས་པའི་གནས་ཆེ་ཕྲ་གཅིག་ཀྱང་མེད། རྟག་ཏུ་ཞལ་འཛུམ་མདངས་གསུང་དགྱེས་ཚོར་དང་བཅས་སྤྲོ་ཡལ་ལེ། ཡངས་ཁྲོལ་ལེར་བཞུགས་པ་ལས་སོྐྱ་སུན་མགུ་འཁང་དགའ་བྲོད་ཕྱོགས་རེ་བས་མཐོ་དམན་བྱེད་པ་སོ་སྐྱེ་ཕལ་བའི་ངང་ཚུལ་དང་ཚུལ་འཆོས་བཅོས་མའི་རྣམ་ཐར་ལས་རིང་དུ་འདས། གཟིམས་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་དར་གོས་འབོལ་བརྩེགས་སུ་བཞུགས་དུས་དང་། ས་ཁྱིའི་དུས་འགྱུར་སྐབས་བཙོན་དུ་རྡུང་རྡེག་བྱེད་པ་གཉིས་ལ་དགའ་སྡང་གི་ཁྱད་པར་ཡོད་པ་མ་མཇལ། དམན་དང་སྤྲང་པོར་ལྷག་པར་བརྩེ་ཞིང་གཙང་དམེ་གཉིས་འཛིན་གྱི་རྟོག་པ་མི་མངའ། དུར་ཁྲོད་ཆེན་པོ་རྣམས་སུ་རྒྱུ་སྐབས་བརྟུལ་ཞུགས་གྲུབ་པ་ཧེ་རུ་ཀའི་སྤྱོད་པ་བསྐྱང་ཞིང་བམ་རོར་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    8

    ཕྱག་ཤན་གྱིས་ཁྲམ་བཏབ་སྟེ་ཚོགས་འཁོར་བདུད་རྩིའི་མཆོད་སྦྱིན་མཛད་པ་སོགས་ཟབ་མོ་ཞི་གཅོད་ཀྱི་རྣལ་འབྱོར་ཡབ་རྗེའི་གདུང་རིགས་ཀྱི་རང་རྟགས་མངོན། སྐབས་སུ་གཉན་ས་གཅོད་པ་དང་མཚམས་རེར་མཚན་མོ་ཐོལ་བྱུང་དུ་འཛིན་གྲོལ་གྱི་ལུས་སྦྱིན་གསུངས་པ་སོགས་མཐོང་ཐོས་ཐུབ་ཅིང་། མི་བསྲུན་རྒྱལ་འགོང་གློ་བུར་ལྷགས་པ་དག་ལ་སྙིང་རྗེ་བའི་གསུང་བྱོན་པ་དང་། འདྲེ་རྒོད་མ་རུངས་པ་དམ་འོག་ཏུ་བཙུད་ཅིང་བཀའ་ནན་བཅུག་པ་ཤིན་ཏུ་མང་། སྐབས་རེར་ནམ་ཕྱེད་ཙམ་ལ་གཏད་མེད་དུ་ཕཊ་སྒྲ་དྲག་པོ་བརྒྱབ་པ་དང་སཾ་ཀྲི་ཏའི་སྐད་དང་མཁའ་འགྲོའི་བརྡ་སྐད་སོགས་རང་རྡོལ་དུ་ཡུན་རིང་གསུངས་པ་ཐོས་མྱོང་། མཚམས་རེར་ནམ་གུང་མུན་པའི་སྨག་ལ་གཟིམས་ཤག་གམ་གཟིམས་གུར་དུ་གསལ་ལྷང་ངེར་ཡོད་པ་ལན་མང་མཇལ། དངོས་ཉམས་སུ་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འབུམ་གྱི་ཚོགས་རྗེ་རིག་འདུས་མ་ཧཱ་གུ་རུ་དང་། ལྷ་ལྕམ་མཐིང་འོད་འབར་མ་རྟག་ཏུ་མཇལ་ཞིང་ཤ་ཟ་སྲིན་པོའི་གླིང་དུ་ཐབས་ཆེན་དཔའ་བོའི་ཁྱུ་དང་། མ་རྒྱུད་ཌཱཀྐིའི་ཚོགས་རྗེར་བྱོན་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང་། དགོངས་གཏེར་རྫས་དང་ནོར་གཏེར་གྱིི་བདག་པོ་གཏེར་སྟོན་ཀུན་གྱི་རྒྱལ་པོར་གྱུར་པའི་བརྡ་ཡིག་ལུང་བྱང་། སྐུ་སྐྱེ་ཡང་སྔའི་སྐྱེ་ཕྲེང་སྔོན་གནས་རྗེས་དྲན་དུ་གསུངས་པ་སོགས་གསང་བའི་རྣམ་ཐར་གྱི་ཕྱོགས་སུ་གཏོགས་པ་རྣམས་འདིར་མ་བཀོད། མདོར་ན་འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་ཆེན་དམ་པ་དེ་ཉིད་སྙིགས་དུས་ངེས་གསང་སྙིང་པོའི་བསྟན་པ་ལ་རྒྱལ་བ་གཉིས་པ་ལྟ་བུར་བྱོན་ཞིང་། རྗེ་འདི་ཉིད་ཀྱི་ཞལ་སློབ་གཙོ་བོ་བཻ་རོའི་རྣམ་འཕྲུལ་ཨ་སྐྱོང་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་སྟེ། ཁོང་ནི་ཐུགས་དགོངས་གཏད་པ་ཙམ་གྱིས་བྱིན་རླབས་འཕོས་པ་གཅིག་ཆར་པའི་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    9

    རིགས་ཅན་དད་བརྩོན་གཉིས་ལྡན་གྱི་སློབ་མའི་ཐུ་བོར་བགྲང་བ་ཞིག་ཡིན། བོད་བསྟན་པ་ཡང་དར་གྱི་སྐབས་སུ་རྗེ་བླ་མའི་ཞལ་ཚབ་གཉིས་པ་ལྟ་བུར་གྱུར་ནས་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་གདན་ས་རུ། རྫོགས་ཆེན་སྡེ་གསུམ་ཀློང་དགུའི་ཁྲིད་དང་གདམས་པའི་སྙིང་བཅུད་ཀྱིས་སྐལ་ལྡན་གྱི་སློབ་ཚོགས་སྨིན་ཅིང་གྲོལ་བར་གནང་བའི་རྣམ་ཐར་ཕྱི་མའི་མཐར་ཡང་ཉམས་པ་མེད། དེ་མིན་རྗེ་ཁྱབ་བདག་ཡོངས་འཛིན་རིན་པོ་ཆེ་འདི་ཉིད་ཀྱི་ཞལ་སོླབ་གནས་ལྔ་རིག་པའི་པཎྜི་ཏ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་དང་། མཚུངས་བྲལ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས། སྔ་འགྱུར་བསྟན་པ་འཛིན་པའི་སྐྱེས་ཆེན་རྡོ་གྲུབ་མཆོག་སྤྲུལ་རིན་པོ་ཆེ། མཁས་པའི་དབང་པོ་མི་ཉག་རྩྭ་ར་ཆོས་གྲགས། རྟོགས་པའི་མངའ་བདག་རྨེ་བ་མཁན་ཆེན་འཇམ་དཔལ། རྫོགས་ཆེན་ཀུན་འབྲུག་གླིང་གསུམ། ཨ་སྐྱོང་མཁན་པོ་བརྩོན་འགྲུས། དགེ་མང་མཁན་པོ་དབང་རྣམ་གཉིས། ཀ་ཆེན་པདྨ་དབང་རྒྱལ། དགེ་རྒྱལ་མཁན་པོ་ཐུབ་བསྟན་རྣམ་རྒྱལ། ཡ་མཚོའི་བླ་མ་སྒྲོལ་མ་ཚེ་རིང་། ལི་ཐང་བླ་མ་རྡོ་རྗེ་རིག་འཛིན། རྨེ་སྤྲུལ་ཤེལ་ཕྲེང་རིན་པོ་ཆེ། རྨེ་བ་ནོར་བཟང་། ཨ་སེའི་མཁན་པོ་ཆ ོས་གྲགས་སོགས་ཐུགས་རྒྱུད་དགོངས་པ་འཕོས་པའི་ཞལ་སློབ། གསུང་སྐྱེས་བསྟན་པ་འཛིན་པའི་སྐྱེས་བུ། མཁས་གྲུབ་འཛོམས་པའི་བླ་མ། སྒྲུབ་ཚུགས་ཟིན་པའི་སྒོམ་ཆེན། བྱ་བྲལ་སྦས་པའི་རྣལ་འབྱོར་བགྲང་ལས་འདས་པ་བྱོན་པ་དེ་དག་རེ་རེས་ཀྱང་དམ་པའི་ཆོས་ཀྱི་བགོ་སྐལ་བསྩལ་བའི་ཡང་སོླབ་རྒྱུད་པ་དང་བཅས་པས་ཡངས་བའི་ས་གཞི་དོག་པོར་བགྱིས་པ་དང་། འབྲེལ་བ་ཙམ་གྱིས་སྲིད་རྩ་ཧྲུལ་པོར་བགྱིས་པ་དེ་བས་མང་བ་སོགས་རྒྱལ་དང་དེ་སྲས་ཀྱི་མཛད་པ་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    10

    མཐའ་ཡས་ཞིང་དང་རྡུལ་གྱིས་གཏུག་པ་མེད་པའི་འགྲོ་མང་གྱི་ཁམས་ལ་རྟག་ཏུ་ཁྱབ་ཅིང་འཇུག་པ་ཐ་མལ་སྒྲ་ཚིག་གི་ཡུལ་དུ་མ་གྱུར་ཕྱིར། ཕྱི་ནང་གསང་བའི་རྣམ་ཐར་ལས་ཕྱིའི་རྣམ་ཐར་གྱི་ས་བོན་ཙམ་ཚིག་ཚོགས་ཉུང་ངུས་ཕྱོགས་སྣེ་མཚོན་པར་བྱས་པ་འདི་བཞིན་ཏེ། དགུང་གྲངས་རེ་གཅིག་བཞེས་པ་ས་ཕག་ལོའི་དུས་ཟིང་སྐབས་རེ་ཞིག་ཞིང་འདིར་སྐུ་ལུས་དེའི་མཛད་པ་འཕྲོ་ཅན་དུ་གནང་ནས། མེ་ཆར་མདེལ་མཚོན་གྱི་བུ་ཡུག་གིས་གནོད་མ་ཚུགས་པར་སྐུ་ལུས་མདའ་ལྟར་བསྲངས་ཏེ་མཉམ་པར་བཞག་བཞིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དེ་མ་ཐག་མངོན་པར་རྫོགས་པར་སངས་རྒྱས་པའི་གྲོལ་རྟགས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ཁ་བའི་མེ་ཏོག་མཁའ་ལ་ལྡིང་བ་དང་། སྣ་ཚོགས་སྤྲིན་གྱི་འཇའ་ཚོན་དྲ་བར་འབྲེལ་བ། འུར་བའི་སྒྲ་འཇམ་ཞིང་དལ་བར་གྲག་པ་སོགས་ངོ་མཚར་བའི་ལྟས་ཀྱིས་སྐྱེ་བོ་ཀུན་དད་པའི་གནས་ལ་བཀོད། སྐུ་གདུང་གི་སྙིགས་མ་ཉིན་དེའི་ཕྱི་ཉིན་ནས་ཤུལ་ཙམ་མི་སྣང་བར་གྱུར་པས་ལུས་མེད་མཁའ་འགྲོའི་ཚོགས་ཀྱིས་གདན་དྲངས་པར་གྲགས་པ་བཅས། རྗེ་ཕ་རྒོད་བླ་མ་གང་དེས་བཀའ་དྲིན་གསུམ་གྱིས་བསྐྱངས་པའི་དྭ་ཕྲུག་མགོན་མེད་དུ་ལུས་པ་པདྨ་སྐལ་བཟང་གིས་གསུང་འབུམ་ཕྱག་དེབ་སྒྲིག་པའི་མཐུན་རྐྱེན་དུ་འཆད་ཁྲིད་ཀྱི་བར་གསེང་ཞིག་ལ་བྲིས་པ་འདི་ཡང་རེྗ་བླ་མའི་ཐུགས་དགོངས་ཀྱིས་ཟིན་ནས་འབྲེལ་ཚད་བདེ་ལ་སོྦྱར་བའི་རྒྱུར་གྱུར་ཅིག།

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    11

    ཉམས་མགུར་གིྱ་སོྐར་ཚོ།

    ༄༅།།ཨ་འཐས་འཛིན་ཞེན་གྲོལ་བའི་རོྟགས་སད་ ཉམས་ཀྱི་རྒྱང་གུླ།།

    དྲན་པས་གདུང་སེལ་ཆོས་ཀྱི་རྗེ། །གཞན་ཕན་ཆོས་ཀྱི་སྣང་བར་འདུད། །བུ་གསོན་དང་ལས་ཅན་ན ོར་བ ུའ ི ་མ ིང་། །གང་ཤར་གྱི ་ཉམས་གླུ ་ཅ ུང་ཟད་ལེན། །མི་ཁོ་བོའི་རིགས་བདག་གཞན་ཕན་པས། །གསང་གསུམ་གྱི་བྱིན་བརྒྱུད་བུ་ལ་གནང་། །བློ་བྲལ་ལ་ཕོ་ཚོད་མ་དགོས་ཙམ། །ཤུགས་འབྱུང་གི་ཉམས་རྟོགས་འདི་འདྲ་སྐྱེས། །རིག་སྟོང་གི་རང་ཞལ་རྗེན་པར་བུད། །གོ་ཡུལ་བློས་བྱས་ལ་རག་མ་ལས། །ཐ་མལ་རང་ལུགས་སུ་གུ་རེ་ཡངས། །ཀུན་རྟོག་རང་གྲོལ་དུ་བློ་རེ་བདེ། །ཞེན་མེད་གཅེར་ཡན་གྱི་རྣལ་འབྱོར་ལ། །ལྟ་སྒོམ་གྱི་མིང་འདོགས་རྡུལ་ཙམ་མེད། །ཆོས་མེད་བྱར་མེད་ ཀྱི་གཉའ་ཡངས་པོ། །གུ་ཡངས་བློ་བདེ་ཞེས་མི་ཟེར་རམ། །ཐེག་བརྒྱད་བློས་བྱས་ཀྱི་ལྟ་གྲུབ་ལ། །ཨ་འཐས་ཉིང་འཁྲུལ་ཚོ་གང་དགྱེས་མཛོད། །ཆོས་ལ་བྱར་མེད་ཀྱི་བློ་རྒོད་འདི། །ཀློང་ཆེན་རབ་འབྱམས་ཀྱི་གཅེས་ཕྲུག་ཡིན། །ཟབ་ཟབ་གདམ་ཕྲན་གྱི་མྱོང་ཞེན་ལ། །རོྟགས་པའི་དེ་ཉིད་དུ་རློམ་པ་ཚོས། །ད་དུང་གཉན་ཁྲོད་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    12

    དུ་ཐུན་མཐའ་ཆོད། །ངེས་ཤེས་བློ་སྙེམ་གྱི་འཛིན་སྟངས་དེས། །གཉུག་མའི་རང་ཞལ་ལ་སྒྲ ིབ ་ལས་ཆ ེ ། །དྲན་པ ་རྒྱ ུན ་འབྱམས་ཀྱ ི ་ག ོམས་ཉམས་ཙམ། །བརྟན་ཡང་བཅོས་མ་ཡི་བསམ་གཏན་དེས། །ཟང་ཐལ་ཐོག་བབས་ལ་རེག་པར་དཀའ། །ལོ་ཟླའི་བྱས་ཡུས་ཀྱིས་སྒོམ་པ་ཚོའི། །སྒོམ་བློའི་ཨ་འཐས་དེས་འཆིང་གིས་དོགས། །རིག་པ་གཅེར་ཡན་དུ་རྟོགས་ཙ་ན། །ཤར་གནས་ཆོས་ཉིད་ཀྱི་རང་ངོར་མཉམ། །ལམ་ཁྱེར་ཆོས་ཉིད་དུ་སད་ཟིན་པའི། །བསྐྱང་བྱ་སྐྱོང་བྱེད་ཀྱི་ཐ་སྙད་བྲལ། །རྡོས་བཅས་ལུས་རྒྱ་དང་བྲལ་མ་ཐག །འོད་གསལ་ཆོས་ཉིད་ཀྱི་ནམ་མཁའ་ལ། །གཅེར་གྲོལ་རིག་སྟོང་གི་ཁྱུང་ཆེན་ལྡིང་། །མཐའ་བརྒྱད་བློས་བྱས་ཀྱི་གོལ་ས་ཆོད། །གཞི་གྲོལ་རང་བཞག་ཏུ་བཙན་ས་ཟིན། །དེ་སྐད་བྱར་མེད་ཀྱི་གུ་ཡངས་པོ། །གང་ཤར་ཉམས་མཚར་གྱི་ཐོལ་གླུ་འདི། །ལས་འཕྲོ་སྐལ་ལྡན་གྱི་སྒོམ་ཕྲུག་ལ། །གསང་གཏམ་ནང་ལུགས་སུ་ཕུལ་བ་ལགས།། ཞེས་ཉམས་མཚར་དུ་སྤྲང་སྨྱོན་ཡོན་ཏན་མགོན་པོས་བྲིས་ཏེ་ཕུལ་བ་དགེ།།

    ༄༅།།རེ་དོགས་དབྱིངས་སུ་དག་པའི་གུླ་ཆུང་།། རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །དྲིན་འཁོར་ཐབས་མེད་པའི་

    གཞན་ཕན་པ། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །མི་ཁོ་བོའི་བློ་གཏད་གཅིག་ཆོག་ཡིན། །ཕ་སངས་རྒྱས་དེ་ཡི་བཀའ་དྲིན་གྱིས། །སེམས་ཆོས་ཉིད་མ་དང་རང་ཞལ་མཇལ། །ད་ཇི་ལྟར་བྱས་ཀྱང་སྐྱིད་པར་མཆིས། །ཤུགས་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    13

    འབྱ ུང་ག ི ་གླ ུ ་ཆ ུང ་ལ ེན ་སྙ ིང ་འད ོད། །གཤ ིས་བླ ོ ་བྲལ་དབ ུ ་མའ ི ་ལྟ་བ་དང་། །ཟང་ཐལ་རིག་པའི་ཐིག་ལེ་གཉིས། །བསམ་བརྗོད་བྲལ་བའི་ངང་དུ་གཅིག །ད་མང་པོའི་རེ་དོགས་བྱ་མ་དགོས། །དུག་ལྔ་རང་ཡན་གྱི་ཀུན་རྟོག་དང་། །རང་གནས་ཀ་དག་གི་དགོངས་པ་གཉིས། །ཡེ་གྲོལ་ཟང་ཐལ་གྱི་གཤིས་སུ་གཅིག །སྤང་བླང་གི་ཨ་འཐས་བྱ་མ་དགོས། །མ་དག་འཁོར་བའི་སྣོད་བཅུད་དང་། །དག་པ་སྐུ་ལྔའི་རང་ཞལ་གཉིས། །ཡེ་དག་མཉམ་རྫོགས་གཤིས་སུ་གཅིག །བླང་དོར་རྩོལ་སྒྲུབ་བྱ་མ་དགོས། །སྣང་བ་སྣ་ཚོགས་ཀྱི་རྟེན་འབྲེལ་དང་། །སྟོང་པ་རིག་པའི་རང་སོ་གཉིས། །སྐྱེ་འགགས་བྲལ་བའི་གཤིས་སུ་གཅིག །བདེན་གཉིས་རེས་འཇོག་གི་གཞི་རྩ་བྲལ། །བློ་འདས་ལ་དྲན་པས་བསྐྱང་རྒྱུ་མེད། །རང་བབས་ལ་རྟོག་པས་ཇི་ལྟར་འཆོས། །བྱ་བྲལ་ནམ་མཁའ་ཕྱམ་ཕྱམ་གཅིག །གུ་ཡངས་བློ་བདེ་རུ་ཨ་ལ་ལ། །ཀུན་ཏུ་བཟང་པོའི་རང་ཞལ་མཐོང་། །མཆོག་ཐུན་ཀུན་གྱི་རྒྱལ་པོ་འགྲུབ། །འཐོབ་བྱའི་རེ་དོགས་རང་ངོར་དག །བོླས་བྱས་ཀྱི་བསྐྱེད་རྫོགས་ལ་ལྟོས་མི་འཆའ། །ཉམས་དགའ་འོ་སྐྱིད་དོ་མཐའ་དབུས་བྲལ། །ཟང་ངེ་ཐལ་ལེ་བསམ་ངོ་བྲལ། །དོན་འད ི ་བླ ་མའ ི ་དྲ ིན ་གྱ ིས་མཐ ོང ་ ། །བརྗ ོད ་བྲལ་ག ུ ་ཡངས་ས ུ ་སྐྱ ིད ་ཉལ་བྱེད། །སྤྲང་པོ་ཡོན་ཏན་མགོན་པོ་བདག །རང་བྱས་ཀྱི་བསམ་རྒྱ་མི་ཆེ་ཞིང་། །ལོ་ཟླ་ཡི་སྡུག་བཙིར་མ་བྱས་ཀྱང་། །མོས་གུས་ཀྱིས་ཕ་ཕོགས་ཐོབ་པས་འཚེངས། ཨ་ལ་ལ་ཧོ།། ཞེས་རང་གཅིག་པུ་སྐྱིད་པའི་མལ་དུ་གུ་ཡངས་ཤིང་བློ་བདེ་བ་ལགས་སོ།།

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    14

    ༄༅།།གང་ཤར་ཉམས་ཀྱི་ཐོལ་གུླ་འཁུྲལ་བ་གཞི་གྲོལ།། ཨ་ཧོ་ཡེ། ཀུན་མཐོང་དབེན་པའི་ཁྲོད་ན་བྱར་མེད་ཀྱི་རྣལ་འབྱོར། །རང་

    བབས་བདེ་བའི་གཤིས་ལུགས་གུ་ཡངས་སུ་སྐྱོང་བའི། །ཉམས་དགའ་ཀུ་སུ་ལུ་པའི་རྣམ་ཐར་ལ་གཟིགས་ནས། །ལུགས་གཉིས་འདུན་མའི་བྲེལ་ཟིང་གཡས་ཆུང་དུ་བོར་ཤོག །སྤྲང་ལུས་དུག་པོའི་ཁྲོད་ན་སོས་དལ་དུ་ཉལ་ཡང་། །མ་བཅོས་རིག་པའི་རང་ཞལ་གསལ་འགྲིབ་དང་བྲལ་བ། །བྱས་བྱས་བསྒྲུབ་བསྒྲུབ་མང་པོའི་ཤོམ་ར་ནི་མི་དགོས། །བྱར་མེད་ལྷོད་པོར་ཉལ་བའི་གུ་ཡངས་ངའི་སྐྱིད་པ། །སྣང་སེམས་སྒྱུ་མར་མཉམ་པའི་གཏད་མེད་ཀྱི་རྣལ་འབྱོར། །གཟུང་འཛིན་ཐད་ཀར་ཞིག་པ་ལམ་ཁྱེར་གྱི་རྩེ་མོ། །ཆོས་ཟད་ཆོས་ལས་འདས་པའི་ལྟ་སྒོམ་གྱི་ཕུ་ཐག །རང་བབས་གཤིས་སུ་ཆོད་པའི་སྨྱོན་པ་ངའི་སྐྱིད་པ། །བློ་བྲལ་རིག་པའི་ཁྱེའུ་ཆུང་ཡར་ཡར་ལ་ཕེབས་དང་། །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་ཐག་རིང་ན་མི་འདུག །སྣང་རིག་ཆོས་སྐུར་མཉམ་པ་ཉམས་ལེན་གྱི་སྐྱེལ་སོ། །ད་ལྟ་མངོན་དུ་གྱུར་ན་རྩོལ་སྒྲུབ་ཀྱིས་ཅི་བྱེད། །འཁྲུལ་བ་ནང་ནས་ཞིག་པའི་གུ་ཡངས་ཀྱི་རང་གཤིས། །མ་བཅོས་རེྗན་ལ་འཇོག་པ་ཡབ་མེས་ཀྱི་རྣམ་ཐར། །འཁོར་བ་མིང་དུ་ཟད་ལ་སྤང་བྱ་ནི་ཅི་ཞིག །འཁྲུལ་བ་གཞི་གྲོལ་རྟོགས་ན་འཁྲུལ་ཞིག་གི་རྒྱལ་པོ། །མཉམ་ཉིད་རིག་སྟོང་ཐིག་ལེ་སྐུ་གསུམ་གྱི་ཞལ་སྐྱིན། །ཡེ་ཡིན་སོ་མར་གློད་པ་ལྟ་སྒོམ་གྱི་མདོ་འགག །ཡིན་ལུགས་མངོན་དུ་གྱུར་ན་ཀུན་བཟང་གི་རྒྱལ་ཐབས། །ཨ་འཐས་ས་ལམ་བརྩི་བའི་གུ་ད ོགས་ད ེས ་ཅ ི ་བྱ། །མད ོ ་མ ེད ་སྤྲང་པོའི་འད ུན ་མ་ཆ ིག ་ཆ ོད ་ད ུ ་སྐྱ ོང ་

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    15

    བ། །ལུགས་གཉིས་འཛོལ་ས་མང་པོའི་འཁྱེར་སོ་དང་བྲལ་ཡང་། །རང་གྲོལ་ཤྲཱི་སེང་ཧའི་རྣམ་ཐར་ལ་རེག་པ། །སྣ་ཚོགས་སྤྲོས་པའི་དྲ་བ་ཡོད་ཡོད་ནི་མི་འདྲ། །ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་བརྒྱུད་ཀྱི་ཕ་ཕོགས། །མཚུངས་མེད་བླ་མའི་དྲིན་གྱིས་མངོན་སུམ་དུ་ཐོབ་ན། །མི་ཚེ་རི་ལ་སྐྱེལ་བའི་བྱས་ཡུས་ཤ ིག་མ ེད་ཀྱང་། །བྱར་མ ེད་སྤྲང་པོའི་མད ུན་ཕ ུགས་མ་ན ོར་ཙམ་ཡ ོད་འགྲོ། །ཨ་ཀྱང་རང་རིྩས་ཆེ་བའི་ཨོ་ཟོབ་ཀྱིས་ཅི་བྱེད། །ཡིན་མིན་ཚིག་ལ་ཞེན་པའི ་ཨ་འཐས་དེ ་བསྐྱུར་དང་། །ཆོས་ལ་བྱ་རྒྱུ ་མེད་པའི ་བླ ོ ་རྒ ོད་ཀྱི ་རྦད་ཐག །ཁྲེལ་མེད་ཐད་ཀར་གཅོད་པ་སྨྱོན་པ་ངའི་རང་གཤིས། །ལང་ཀ་པུ་རིའི་རྒྱལ་ཁབ་མངོན་སུམ་དུ་བ སྙེག་ཚེ། །ཕ་གཅིག་དྲིན་ཅན་བླ་མའི་ཞབས་པད་ལ་བསྟེན་ནས། །སྦྱོར་སྒྲོལ་གསང་བའི་ཐབས་ཆེན་ཤུགས་འབྱུང་དུ ་སྤྱོད་པ། །འབྲེལ་ཚད་དོན་དང་ལྡན་པའི་རྣམ་ཐར་ལ་སྦྱོར་འགྲོ། །ཧ་ཅང་གཉེན་བཤེས་འབྲེལ་བའི་དམ་པ་ཡི་མཆེད་གྲོགས། །ལུས་སྐྱེས་སྨྲ་ར་དཀར་པོའི་རྒྱན་མཛེས་ཀྱིས་སྒེག་པའི། །རྣལ་འབྱོར་སྨྱོན་པ་ང་ཚོའི་རྗ ེས་ཤུལ་ལ་ཕེབས་དང་། །མེ་ལོང་རྡོ་རྗེའི་གཟིམས་མལ་ཟིན་ཙམ་དུ་སླེབ་འགྲོ། །ཐོལ་བྱུང་མགྲིན་པའི་རྫ་རྔ་ལྷུང་ལྷུང་དུ་བརྡུངས་པས། །ཐོལ་སྐྱེས་རྟོག་པའི་རི་མོ་རང་མལ་དུ་ཞིག་ནས། །བློ་བྲལ་གཤིས་ཀྱི་མལ་དུ་རང་བྱུང་གི་ཁྱེའུ་ཆུང་། །བློ་རྒོད་གཅེར་བུར་ཉལ་བའི་བག་ཡངས་ལ་ཆས་སོ། །སྐྱབས་གཅིག་དྲིན་ཅན་བླ་མ་རྒྱལ་ཀུན་གྱི་ཞལ་སིྐྱན། །དོན་དམ་རིག་པའི་ཀློང་ན་འདུ་འབྲལ་ནི་མི་དམིགས། །ཨ་ཧོ་བློ་དང་བྲལ་བའི་བྱར་མེད་ཀྱི་རྣལ་འབྱོར། །རེ་དོགས་མཐའ་ལས་གྲོལ་བའི་སྐྱིད་གུླ་འདི་ཐལ་ལོ།།

  • འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།

    16

    ༄༅།།རོྟགས་པའི་འདྲ་འབག་སྙན་འགུྱར་དཔྱིད་ཀྱི་

    རྒྱལ་མོའི་དབྱངས་སྙན།